讨论 · 2015.10.03
སེམས་ཉེ་བ
妞╮笑个
སེམས་ཉེ་བའི་མི་མོ་ལགས།
ཁྱོད་དང་འཕྲད་པ་ནས་བཟུང་།
ངས་རང་སེམས་དམར་པོ་དམ་ལ་བཏགས་ནས།
རྩེ་གཅིག་ཏུ་ཁྱོད་རང་སྒོམ་ཡོད།
བདག་སེམས་ཀྱི་ཡིད་འོངས་མ།
རྒུད་མེད་ཀྱི་ལང་ཚོ་ཅན།
ངའི་ཤ་ཁྲག་རུས་གསུམ་དང་དོན་ལྔ་སྣོད་དྲུག
ཁྱེད་ལ་བཅངས་བའི་བརྩེ་དུང་གི་མཚོན་བྱེད་དང་ཁྱེད་ལ་དབང་བའི་ལག་སྐྱེས་ཡིན།
བདག་གི་ལས་པོ་འདི་སྟོང་བར་གྱུར་ནས་འབྱུང་བཞིར་འཐིམས་རགས་བར་དུ།
ང་ཁྱེད་ལ་རྔམ་ཤུགས་ཀྱིས་འཐམ་ནས་གཏན་དུ་འབྲལ་མི་སྲིད།
སེམས་ཉེ་བའི་མི་མོ་ལགས།